བྱོན་པ་ལེགས་སོ།

OpenOffice.org 2.0 རིཌི་མི།

འ་ནི་རིཌི་མི་ཡིག་སྣོད་ཀྱི་དོན་ལས་མཐའ་མཇུག་གི་དུས་མཐུན་བཟོ་ནིའི་དོན་ལུ་ བལྟ།http://www.openoffice.org/welcome/readme.html

བརྩེ་བའི་ལག་ལེན་པ།

འ་ནི་ཡིག་སྣོད་ནང་ལུ་ ལས་རིམ་འདི་གི་སྐོར་ལས་གལ་ཅན་གྱི་བརྡ་དོན་ཚུ་ཡོད། འ་ནི་བརྡ་དོན་དེ་ ལཱ་གཡོག་འགོ་མ་བཙུགས་པའི་ཧེ་མ་ ཧ་ཅང་གིས་དྲན་ཤེས་ཀྱི་སྒོ་ལས་ལྷག་གནང་།

OpenOffice.org མི་སྡེ་འདི་ འ་ནི་ཐོན་སྐྱེད་གོང་འཕེལ་གཏང་ནིའི་འགན་འཁུར་ཡོད་མི་འདི་གིས་ ཁྱོད་མི་སྡེའི་འཐུས་མི་ཅིག་སྦེ་ཅིག་ཁར་སྤྱོད་ནིའི་དོན་ལས་མགྲོན་བརྡ་འབདཝ་ཨིན། ལག་ལེན་པ་གསརཔ་སྦེ་ ལག་ལེན་པའི་བརྡ་དོན་ཕན་ཐོག་ཅན་དང་ཅིག་ཁར་ OpenOffice.org གི་ས་ཁོངས་ཁྱོད་ཀྱིས་ཞིབ་དཔྱད་འབད་ཚུགས།

http://www.openoffice.org/about_us/introduction.html

OpenOffice.org ལས་འགུལ་ནང་ལུ་འབྲེལ་བ་ཡོདཔ་ལེན་ནིའི་སྐོར་ལས་འོག་གི་དབྱེ་ཚན་ཚུ་ཡང་ལྷག

གཞི་བཙུགས་འབད་ནིའི་དྲན་འཛིན།

རིམ་ལུགས་དགོས་མཁོ་ཚུ:

OpenOffice.org འགོ་བཙུགས་པའི་སྐབས་ལཱ་ཁག་ཚུ་(དཔེར་ན་ གློག་རིམ་ཚུ་དཔྱངས་ནི་) དང་དེ་ལས་ གསལ་གཞི་བཀྲམ་སྟོན་འབད་ནི་དང་ཅིག་ཁར་གྱི་དཀའ་ངལ་ཚུ་ཚད་རིས་ཀྱི་ཤོག་བྱང་འདྲེན་བྱེད་ཀྱིས་འཕྲལ་འཕྲལ་རང་བྱུངམ་ཨིན། འ་ནི་དཀའ་ངལ་ཚུ་བྱུངམ་ཨིན་པ་ཅིན་ ཁྱོད་རའི་ཚད་རིས་ཀྱི་ཤོག་བྱང་འདྲེན་བྱེད་དེ་དུས་མཐུན་བཟོ་ ཡང་ན་ཁྱོད་རའི་བཀོལ་སྤྱོད་རིམ་ལུགས་དང་ཅིག་ཁར་ཚད་རིས་ཀྱི་འདྲེན་བྱེད་འགྲེམ་སྤེལ་འབད་ཡོད་མི་དེ་ལག་ལེན་འཐབ་ཐོག་འབད་རྩོལ་བསྐྱེད་གནང་། དངོས་པོ་༣ཌི་ བཀྲམ་སྟོན་འབད་ནི་ལུ་ལཱ་ཁག་ཡོད་མི་ཚུ་ 'Tools - Options - View - 3D view'.འོག་གི་ གདམ་ཁ་ "Use OpenGL" ཤུགས་མེད་བཟོ་བཟོ་ཞིནམ་ལས་ འཕྲལ་འཕྲལ་དཀའ་ངལ་སེལ་ཚུགས།

ཁྱོད་ཀྱིས་ OpenOffice.org 2.0 དེ་ OpenOffice.org གི་ཐོན་རིམ་རྒས་མི་ཅིག་བདའ་སྟེ་གཞི་བཙུགས་འབད་ཚུགས། ཁྱོད་ཀྱིས་ཤུལ་ལས་OpenOffice.org གི་ཐོན་རིམ་དེ་གཞི་བཙུགས་མི་འབད་ནིའི་གདམ་ཁ་རྐྱབས་ཨིན་པ་ཅིན་ ཁྱོད་ཀྱིས་ཐོན་རིམ་གསརཔ་གི་གཞི་བཙུགས་ཀྱི་ལས་རིམ་དེ་བོད་བརྡ་འབད་ཞིནམ་ལས་ 'Repair' གདམ་ཁ་རྐྱབས་དགོ འ་ནི་འདི་གིས་ཐོན་རིམ་གསརཔ་འདི་ངེས་བདེན་སྦེ་ཁྱོད་རའི་རིམ་ལུགས་ནང་ལུ་ཐོ་བཀོད་འབད་ཡོདཔ་ངེས་རྟེན་བཟོཝ་ཨིན།
OpenOffice.org 1.x དང་ OpenOffice.org 2.0 གི་བར་གྱི་འཛིན་པང་རྒྱུད་དེ་འདྲ་བཤུས་རྐྱབས་ནི་དང་སྦྱར་ནི་འདི་གིས་OpenOffice.org གི་རྩ་སྒྲིག་ནང་ལཱ་མི་འབད་ནི་ཨིནམ་དྲན་གནང་། འ་ནི་འདི་བྱུངམ་ཨིན་པ་ཅིན་ 'Edit - Paste Special' གདམ་ཁ་རྐྱབས། དེ་ལས་OpenOffice.org མེན་པར་གཞན་མི་རྩ་སྒྲིག་ཅིག་གདམ་ཁ་རྐྱབས་ ཡང་ན་OpenOffice.org 2.0 ནང་གི་ཡིག་ཆ་ཐད་ཀར་དུ་ཁ་ཕྱེ།

ཁྱོད་ཀྱི་གནས་སྐབས་ཀྱི་སྣོད་ཐོ་ནང་ལུ་ཁྱོད་རའི་རིམ་ལུགས་དང་ འཛུལ་སྤྱོད་ཀྱི་ཐོབ་དབང་གནང་བ་ཚུ་ཐོབ་ཡོད་མི་ལྷག་མི་ འབྲི་མི་ དང་གཡོག་བཀོལ་མི་ བར་སྟོང་གི་དྲན་ཚད་ལངམ་ཡོདཔ་སྦེ་ངེས་ཏིག་བཟོ་གནང་། གཞི་བཙུགས་འབད་ནི་འགོ་མ་བཙུགས་པའི་ཧེ་མ་ གཞན་མི་ལས་རིམ་ཚུ་ཆ་མཉམ་ཁ་བསྡམ།

ཇི་ནོམ་ནང་ལུ་ལས་རིམ་འགོ་བཙུགས་པའི་སྐབས་དཀའ་ངལ་ཚུ།

ཁྱོད་ཀྱིས་ OpenOffice.org འགོ་བཙུགས་པའི་དཀའ་ངལ་ཚུའི་ཉམས་མྱོང་ཐོབ་ཨིན་པ་ཅིན (ཇི་ནོམ་ལག་ལེན་འཐབ་པའི་སྐབས་ཡོངས་གྲགས་ཅན་སྦེ་) OpenOffice.org. འགོ་བཙུགས་ནིའི་དོན་ལས་ཁྱོད་ཀྱིས་ལག་ལེན་འཐབ་མི་ཤལ་གྱི་ནང་ནའི་SESSION_MANAGER གི་མཐའ་འཁོར་འགྱུར་ཅན་འདི་'unset' འབད་གནང་། འ་ནི་འདི་ "unset SESSION_MANAGER" གི་གྲལ་ཐིག་ལས་ "[office folder]/program" སྣོད་ཐོ་ནང་ལུ་འཚོལ་འཐོབ་མི་soffice ཤལ་གྱི་ཡིག་ཚུགས་གི་འགོ་བཙུགས་ལུ་ཁ་སྐོང་རྐྱབས་ཐོག་ལས་འབད་ཚུགས།

ལག་ལེན་པའི་ངོས་འདྲ་བའི་ཡིག་གཟུགས་བསྒྱུར་བཅོས་འབད་དོ།

OpenOffice.org ནང་ལུ་ཁྱོད་ཀྱིས་ ཁྱོད་རའི་རིམ་ལུགས་གུ་ལུ་གཞི་བཙུགས་འབད་ཡོད་པའི་ཡིག་གཟུགས་སོ་སོ་ཅིག་གིས་སྦེ་ཚབ་བཙུགས་ཐོག་ གསལ་གཞི་བཀྲམ་སྟོན་དང་དཔར་བསྐྲུན་འབད་ནིའི་དོན་ལུ་ལག་ལེན་འཐབ་ཡོད་མི་ཡིག་གཟུགས་དེ་བསྒྱུར་བཅོས་འབད་ཚུགས། འ་ནི་ཡིག་གཟུགས་ཚབ་མ་བཙུགས་ནིའི་ལས་འགན་ལག་ལེན་འཐབ་ཐོག་འབད་ཚུགས། ཡིག་གཟུགས་ཚབ་མ་བཙུགས་ནིའི་ཐིག་ཁྲམ་འཛུལ་སྤྱོད་འབད་ནིའི་དོན་ལས་ 'ལག་ཆས་ཚུ - གདམ་ཁ་ཚུ - OpenOffice.org - ཡིག་གཟུགས་ཚུ་' གདམ་ཁ་རྐྱབས།

OpenOffice.org ལག་ལེན་པའི་ངོས་འདྲ་བའི་ཡིག་གཟུགས་བསྒྱུར་བཅོས་འབད་ནིའི་དོན་ལས་ ཁྱོད་ཀྱིས་ སྔོན་སྒྲིག་ཡིག་གཟུགས་ "Andale Sans UI" འདི་ཡིག་གཟུགས་གཞན་མི་ཅིག་གིས་ཚབ་བཙུགས་དགོ དེ་ལས "always" སྒྲིག་སྟངས་དེ་ འ་ནི་ཚབ་མ་བཙུགས་ནིའི་དོན་ལུ་ རྟགས་བཀལ།

ཌའི་ལོག་གི་འགྲེལ་བཤད་རྒྱས་བཤད་ཅིག་གི་དོན་ལུ་ OpenOffice.org གྲོགས་རམ་ ལུ་གཞི་བསྟུན་འབད།

མགྱོགས་ཐབས་ལྡེ་མིག་ཚུ།

བཀོལ་སྤྱོད་རིམ་ལུགས་ཀྱིས་ལག་ལེན་མ་འཐབ་མི་མགྱོགས་ཐབས་ལྡེ་མིག་ཚུ་(ལྡེ་མིག་མཉམ་མཐུད་ཚུ་)རྐྱངམ་ཅིག་ OpenOffice.org ནང་ལུ་ལག་ལེན་འཐབ་བཏུབ། OpenOffice.org ནང་གི་ལྡེ་མིག་མཉམ་མཐུད་དེ་ OpenOffice.org གྲོགས་རམ་ནང་ལུ་འགྲེལ་བཤད་རྐྱབས་ཡོད་མི་བཟུམ་སྦེ་ལཱ་འབད་མ་བཏུབ་ཨིན་པ་ཅིན་ མགྱོགས་ཐབས་འདི་བཀོལ་སྤྱོད་རིམ་ལུགས་དེ་གིས་ཧེ་མ་ལས་ལག་ལེན་འཐབ་ཡོདཔ་ཨིན་མེན་ཞིབ་དཔྱད་འབད། འདི་བཟུམ་མའི་མི་མཐུན་པ་ཚུ་ལེགས་བཅོས་འབད་ནིའི་དོན་ལས་ ཁྱོད་ཀྱིས་ ཁྱོད་རའི་བཀོལ་སྤྱོད་རིམ་ལུགས་ཀྱིས་འགན་སྤྲོད་འབད་ཡོད་པའི་ལྡེ་མིག་ཚུ་ བསྒྱུར་བཅོས་འབད། ཐབས་གཞན་ཡང་ ཁྱོད་ཀྱིས་ OpenOffice.org ནང་ལུ་འགན་སྤྲོད་འབད་ཡོད་པའི་ལྡེ་མིག་ ཧ་ལམ་ག་སྦེ་རུང་ བསྒྱུར་བཅོས་འབད་ཚུགས། འ་ནི་གནད་དོན་གྱི་བརྡ་དོན་ཧེང་བཀལ་གྱི་དོན་ལུ་ ཁྱོད་རའི་བཀོལ་སྤྱོད་རིམ་ལུགས་ཀྱི་ OpenOffice.org གྲོགས་རམ་ཡང་ན་ གྲོགས་རམ་ཡིག་ཆ་བཀོད་ནི་ལུ་གཞི་བསྟུན་འབད།

ཡིག་སྣོད་ལྡེ་མིག་རྐྱབས་དོ།

སྔོན་སྒྲིག་སྒྲིག་སྟངས་ནང་ལུ་ ཡིག་སྣོད་ལྡེ་མིག་རྐྱབས་ནི་འདི་ OpenOffice.org ནང་ལུ་ཊཱན་ཨོན་འབད་ཡོདཔ་ཨིན། འདི་ཤུགས་མེད་བཟོ་ནིའི་དོན་ལས་ ཁྱོད་ཀྱིས་འོས་ལྡན་མཐའ་འཁོར་འགྱུར་ཅན་ SAL_ENABLE_FILE_LOCKING=0 ཚུ་གཞི་སྒྲིག་འབད་དགོཔ་ དང་ SAL_ENABLE_FILE_LOCKING ཕྱིར་འདྲེན་འབད་དགོ འ་ནི་ཐོ་བཀོད་ཚུ་ soffice ཡིག་ཚུགས་ཀྱི་ཡིག་སྣོད་ནང་ལུ་ཧེ་མ་ལས་ལྕོགས་ཅན་བཟོ་བཟོ་བའི་རྣམ་པ་ནང་ཡོདཔ་ཨིན།

ཉེན་བརྡ: ཤུགས་ལྡན་བཟོ་ཡོད་པའི་ཡིག་སྣོད་ལྡེ་མིག་རྐྱབས་ནིའི་ཁྱད་རྣམ་དེ་གིས་ ལའི་ནགསི་ ཨེན་ཨེཕ་ཨེསི་ ༢.༠ དང་ཅིག་ཁར་འབྲེལ་ཚིག་ནང་ལག་ལེན་འཐབ་ཡོད་མི་ ཉི་དྲོད་༢.༥.༡ དང་ ༢.༧ དང་ཅིག་ཁར་དཀའ་ངལ་ཚུ་ བྱུངམ་ཨིན། ཁྱོད་ཀྱི་རིམ་ལུགས་མཐའ་འཁོར་ལུ་འ་ནི་ཚད་བཟུང་ཚུ་ཡོདཔ་ཨིན་པ་ཅིན་ ཁྱོད་ཀྱིས་ ཡིག་སྣོད་ལྡེ་མིག་རྐྱབས་ནིའི་ཁྱད་རྣམ་ལག་ལེན་འཐབ་ནི་འདི་ཟུར་བཞག་འབད་ཟེར་ ང་བཅས་ཀྱིས་འོས་སྦྱོར་སྒྲིང་སྒྲིང་འབད་ནི་ཨིན། དེ་མེན་པ་ཅིན་ ལའི་ནགསི་གློག་རིག་ཅིག་ལས་ཨེན་ཨེཕ་ཨེསི་ བརྩེགས་ཅན་སྣོད་ཐོ་ལས་ཁྱོད་ཀྱིས་ཡིག་སྣོད་ཁ་ཕྱེ་ནིའི་འབད་རྩོལ་བསྐྱེད་པའི་སྐབས་ OpenOffice.org དེ་ཐོགས་འོང་།

ལག་ལེན་འཐབ་ཡོདཔ་/ལེགས་བཅོས་འབད་ཡོད་པའི་འབྱུང་ཁུངས་ཀྱི་ཨང་རྟགས།

ཆ་ཤས་ཀྱི་འདྲ་བཤུས་དབང་ཆ ༡༩༩༨། ༡༩༩༩ ཇེམསི་ ཀ་ལརཀ ཆ་ཤས་ཀྱི་འདྲ་བཤུས་དབང་ཆ ༡༩༩༦། ༡༩༩༨ ནེཊི་སིཀེཔ་ བརྒྱུད་འབྲེལ་གྱི་ལས་འཛིན།

འབྲེལ་བ་འབད་དོ།

OpenOffice.org མི་སྡེ་འདི་ འ་ནི་གལ་ཅན་ཁ་ཕྱེ་ནིའི་འབྱུང་ཁུངས་ཀྱི་ལས་འགུལ་གྱི་ གོང་འཕེལ་ནང་ལུ་ཁྱོད་ཀྱི་ཤུགས་ལྡན་སྦེ་བཅའ་མར་གཏོགས་མི་ལས་ཕན་ཐོགས་སྦོམ་འབྱུང་འོང་།

ལག་ལེན་པ་ཅིག་སྦེ་ ཁྱོད་ཧེ་མ་ལས་ སུཊི་གི་གོང་འཕེལ་ལས་སྦྱོར་དེ་གི་གནས་གོང་ཅན་གྱི་ཡན་ལག་ཅིག་ཨིན། དེ་ལས་ ང་བཅས་ཀྱིས་ཁྱོད་ལུ་ མི་སྡེ་ལུ་ཡུན་རིངམ་གི་ཕན་འདེབས་པ་ཅིག་སྦེ་སྟོན་ནི་དང་ཅིག་ཁར་ ཤུགས་ལྡན་གྱི་ལས་འགན་ཅིག་ནང་བཅའ་མར་གཏོགས་ཟེར་ བློ་སྟོབས་བསྐྱེད་བཅུག་ནི་ཨིན། བཅའ་མར་གཏོགས་ཞིནམ་ལས་ ལག་ལེན་པའི་ཤོག་ལེབ་ཞིབ་དཔྱད་འབད་གནང་:http://www.openoffice.org

ཐོ་འགོད་འབད་ནི།

ཁྱོད་ཀྱིས་མཉེན་ཆས་གཞི་བཙུགས་འབད་བའི་སྐབས་ ཆུང་བཟོ་ཐོན་སྐྱེད་ཐོ་འགོད་ཀྱི་ལས་སྦྱོར་འདི་མཇུག་བསྡུ་ནིའི་དོན་ལས་དུས་ཡུན་་ཐུང་ཀུ་ཅིག་འགོར་གནང་། ཐོ་འགོད་འདི་གདམ་ཁ་ཅན་ཨིནམ་ད་ལུ་ ང་བཅས་ཀྱི་ཁྱོད་ཐོ་བཀོད་འབད་ཟེར་བློ་སྟོབས་བསྐྱེད་བཅུག་ནི་ཨིན། ག་ཅི་་སྦེ་ཟེར་བ་ཅིན་ བརྡ་དོན་དེ་གིས་ལག་ལེན་པ་ལུ་ཐད་ཀར་དུ་དགོ་པའི་ མཉེན་ཆས་ཀྱི་སུཊི་དང་ཁ་བྱང་ ཧེང་བཀལ་ལེགས་ཤོམ་བཟོ་ནིའི་དོན་ལས་ མི་སྡེ་འདི་ལྕོགས་ཅན་བཟོཝ་ཨིན། དེའི་སྒེར་རྩང་གི་སྲིད་བྱུས་བརྒྱུད་ད་ེ OpenOffice.org མི་སྡེ་གིས་ ཁྱོད་ཀྱི་རང་དོན་གྱི་གནད་སྡུད་ཉེན་སྲུང་འབད་ནིའི་དོན་ལས་ དོགས་ཟོན་ཡོད་ཚད་འབདཝ་ཨིན། ཁྱོད་ཀྱིས་ཐོ་འགོད་འབད་ནི་འདི་གཞི་བཙུགས་འབད་བའི་སྐབས་བརླག་སྟོར་ཞུགས་ཡོདཔ་ཨིན་པ་ཅིན་ ཁྱོད་ཀྱིས་སླར་ལོག་འབད་ཞིནམ་ལས་ དུས་ཚོད་ནམ་འབད་རུང་ཐོ་འགོད་འབད་བཏུབ།http://www.openoffice.org/welcome/registration20.html

ལག་ལེན་པའི་ལྟ་ཞིབ།

ང་བཅས་ཀྱིས་ཁྱོད་ལུ་བཀང་དགོཔ་སྦེ་བློ་སྟོབས་བསྐྱེད་བཅུག་ནི་ཨིན་མི་ ལག་ལེན་པའི་ལྟ་ཞིབ་ཅིག་ཡང་གློག་ཐོག་ལུ་གནས་ཏེ་ཡོདཔ་ཨིན། ལག་ལེན་པའི་ལྟ་ཞིབ་ཀྱི་གྲུབ་འབྲས་འདི་གིས་ ཤུལ་མམ་གི་བཟོ་བཏོན་ཡིག་ཚང་སུཊི་གསར་བསྐྲུན་འབད་ནིའི་དོན་ལུ་སྒྲིག་སྟངས་གསརཔ་གི་ཚད་ལྡན་ཚུ་ནང་ལུ་ OpenOffice.org མགྱོགས་པ་བཤུད་ནི་ལུ་གྲོགས་རམ་འབད་འོང་། དེའི་སྒེར་རྩང་གི་སྲིད་བྱུས་བརྒྱུད་དེ་ OpenOffice.org མི་སྡེ་གིས་ ཁྱོད་ཀྱི་རང་དོན་གནད་སྡུད་ཉེན་སྲུང་འབད་ནིའི་དོན་ལས་དོགས་ཟོན་ཡོད་ཚད་འབདཝ་ཨིན།

རྐྱེན་ཚུ་ & སྤྲོད་མི་ཚུ་སྙན་ཞུ་འབད།

OpenOffice.org ཝེབ་ས་ཁོངས་ཧོསཊི་གི་ཨིཤུ་ཛིལ་ལ་ སྙན་ཞུ་འབད་ནིའི་དོན་ལུ་ང་བཅས་ཀྱི་ཐབས་རིག རྐྱེན་ཚུ་རྗེས་འཛོལ་འབད་ནི་དང་དཀའ་ངལ་སེལ་ནི་ དང་སྤྲོད་མི་ཚུ། ང་བཅས་ཀྱིས་ལག་ལེན་པ་ཆ་མཉམ་ལུ་ ཁྱོད་རའི་བྱེ་བྲག་གི་མཉེན་རིམ་གུ་ལུ་འཆར་ནི་ཨིན་མི་གནད་དོན་ཚུ་སྙན་ཞུ་འབད་ནི་ལུ་དགའ་བསུ་དང་ཐོབ་དབང་སྤྲོད་ཡོད་མི་ཚོར་སྣང་འབད་ནིའི་དོན་ལས་བློ་སྟོབས་བསྐྱེད་བཅུགཔ་ཨིན། གནད་དོན་གྱི་ནུས་ཤུགས་ཅན་གྱི་སྙན་ཞུ་འབད་ནི་འདི་ སུཊི་གི་འཕྲོ་མཐུད་ཅན་གྱི་ལེགས་བཟོ་དང་གོང་འཕེལ་ ལག་ལེན་པའི་མི་སྡེ་གིས་བཟོ་མི་ ཕན་འདེབས་གལ་ཅན་ཚུའི་གྲལ་ལས་གཅིག་ཨིན།

མཁོ་མངགས་འབད་ནི།

ལུ་ ཁྱོད་ཀྱིས་མཁོ་མངགས་འབད་ཚུགས་མི་ལས་འགུལ་གྱི་ཡིག་འཕྲིན་གཏང་ནིའི་ཐོ་ཡིག་དག་པ་ཅིག་ན་ལུ་ཡོད།http://www.openoffice.org/mail_list.html

གཅིག་ཡང་ན་དེ་ལས་ལྷག་པའི་ལས་འགུལ་ཚུ་མཐུད།

ཁྱོད་ལུ་མཉེན་ཆས་ཀྱི་བཀོད་སྒྲིག་ཡང་ན་ཨང་རྟགས་བཀོད་ནིའི་བྱང་བ་ཚད་ཅགི་ལས་མེད་རུང་ ཁྱོད་ཀྱིས་འ་ནི་གལ་ཅན་ཁ་ཕྱེ་ནིའི་འབྱུང་ཁུངས་ཀྱི་ལས་འགུལ་གྱི་དོན་ལས་ཕན་འདེབས་སྦོམ་བཟོ་ཚུགས། ཨིན།་ཁྱོད!

ལུ།http://projects.openoffice.org/index.htmlཁྱོད་ཀྱིས་ལས་འགུལ་ཚུ་ འགན་དབང་སྤྲོད་ནི་ འབག་ནི་དང་གུརུབ་ཝེར་ལས་ ཀོ་ཌིང་ལས་འགུལ་གྱི་ནང་སྙིང་ངོ་མ་ལ་ལུ་ལུ་འབད་མི་ཚུ་ འཐོབ། ཁྱོད་གོང་འཕེལ་གཏང་མི་མེན་པ་ཅིན་ ཡིག་ཆ་བཀོད་ནི་ཡང་ན་ཚོང་འབྲེལ་འབད་ནིའི་ལས་འགུལ་དེ་འབད་རྩོལ་བསྐྱེད། ཨོ་པཱན་སོརསི་མཉེན་ཆས་ཚོང་འབྲེལ་འབད་ནིའི་དོན་ལས་ OpenOffice.org ཚོང་འབྲེལ་གྱི་ལས་འགུལ་དེ་གུའུ་རིལ་ལ དང་སྔོན་སྲོལ་ཚོང་དོན་གྱི་ཐབས་རིག་ གཉིས་ཆ་རང་ལུ་འཇུག་སྤྱོད་འབདཝ་ཨིན། དེ་ལས་ འ་ནི་འདི་ང་བཅས་ཀྱིས་ སྐད་ཡིག་དང་རིག་གཞུང་གི་ལྕགས་རི་ཡན་ཆད་འབད་དོ། དེ་འབདཝ་ལས་ ཁྱོད་ཀྱིས་འ་ནི་ཨོ་ཕིསི་སུཊི་གི་སྐོར་ལས་ མིང་ཚིག་འདི་དར་ཁྱབ་གཏང་ནི་དང་ ཆ་རོགས་ཅིག་ལུ་སླབ་ཐོག་ལས་གྲོགས་རམ་འབད་ཚུགས།

ཁྱོད་ཀྱིས་ཚོང་འབྲེལ་གྱི་བརྒྱུད་འབྲེལ་ཚུ་ & བརྡ་དོན་ཡོངས་འབྲེལ་ནང་བཆའ་མར་གཏོགས་ཐོག་གྲོགས་རམ་འབད་ཚུགས།http://marketing.openoffice.org/contacts.html ཁྱོད་རའི་རྒྱལ་ཁབ་དང་ཉེ་གནས་ཀྱི་མི་སྡེ་ནང་ལུ་ དཔར་ཁང་ བརྡ་ལམ་ ངོ་ཚབ་ཚུ་ གོ་སྡུར་ཞུ་ས་ཚུ་ སློབ་གྲ་ཚུ་ ལའི་ནགསི་ལག་ལེན་པའི་སྡེ་ཚན་ཚུ་དང་གོང་འཕེལ་གཏང་མི་ཚུ་ དང་ཅིག་ཁར་ དོན་ཚན་བརྒྱུད་འབྲེལ་གྱི་འབྲེལ་བ་འཐབ་ནི་བྱིནམ་ཨིན།

ལག་ལེན་པའི་རྒྱབ་སྐྱོར།

OpenOffice.org 2.0 ཨོ་ཕིསི་ སུཊི་དང་ཅིག་ཁར་གྲོགས་རམ་གྱི་དོན་ལུ་ 'users@openoffice.org' ཡིག་འཕྲིན་གཏང་བའི་ཐོ་ཡིག་ནང་ལུ་ ཧེ་མ་ལས་ལན་བཀོད་ཡོད་པའི་དྲི་བ་ཚུ་འཚོལ་ནིའི་དོན་ལས་ཡིག་མཛོད་ནང་ལུ་ཚར་ཅིག་བལྟ།http://www.openoffice.org/mail_list.html. ཐབས་གཞན་ཡང་ ཁྱོད་ཀྱིས་ཁྱོད་རའི་དྲི་བ་ཚུ་users@openoffice.org ལུ་གཏང་བཏུབ། གློག་འཕྲིན་གྱི་ལན་ལེན་ནིའི་དོན་ལས་ ཐོ་ཡིག་ནང་ལུ་མཁོ་མངགས་འབད་ནི་སེམས་ཁར་བཞག

ལུ་ ཨེཕ་ཨེ་ཀིའུ་གི་དབྱེ་ཚན་འདི་ཡང་ཞིབ་དཔྱད་འབད།http://user-faq.openoffice.org/.

འགོ་བཙུགས་ནིའི་ཐབས་ལམ།

ཕན་འདེབས་འབད་ནི་འགོ་བཙུགས་ནིའི་ཐབས་ལམ་དྲག་ཤོས་འདི་ གཅིག་ཡང་ན་དེ་ལས་ལྷག་པའི་ ཡིག་འཕྲིན་གཏང་བའི་ཐོ་ཡིག་ སྐབས་ཅིག་གི་དོན་ལས་འཇབ་ནི་ལུ་མཁོ་མངགས་འབད་ནི་འདི་ཨིན་། དེ་ལས་རིམ་པ་བཞིན་དུ་ OpenOffice.org འབྱུང་ཁུངས་ཀྱི་ཨང་རྟགས་དེ་ སྤྱི་ཟླ་བཅུ་པ་ ༢༠༠༠ ལུ་འཛིན་གྲོལ་འབད་ཡོད་མི་ལས་ཚུར་ གནད་དོན་ལེ་ཤ་ཁྱབ་ཡོད་མི་དང་ཅིག་ཁར་ ཁྱོད་གོམས་འདྲིས་ཚུད་ནིའི་དོན་ལས་ ཡིག་འཕྲིན་གྱི་ཡིག་མཛོད་འདི་ལག་ལེན་འཐབ། ཁྱོད་བདེ་བ་བྱུང་བའི་སྐབས་ ཁྱོད་ཀྱིས་འབད་དགོཔ་རང་ གློག་འཕྲིན་གྱི་ རང་གི་ངོ་སྤྲོད་ཅིག་གཏང་ཞིནམ་ལས་ ནང་ན་ལུ་མཆོང་། ཁྱོད་ཨོ་པཱན་སོརསི་པོརོ་ཇེཊིསི་དང་ཅིག་ཁར་གོམས་འདྲིས་ཚུད་ཡོདཔ་ཨིན་པ་ཅིན་ ང་བཅས་ཀྱི་To-Dos ཐོ་ཡིག་ཞིབ་དཔྱད་འབད་ཞིནམ་ལས་ ཁྱོད་ཀྱི་གྲོགས་རམ་ག་ཅི་འབད་ཚུགསཔ་འདུག་ག་བལྟ།http://development.openoffice.org/todo.html.

ང་བཅས་ཀྱིས་ཁྱོད་ OpenOffice.org 2.0 གསརཔ་དང་ཅིག་ཁར་ལཱ་འབད་ནི་ལུ་སྤྲོ་བ་དང་ ང་བཅས་དང་ཅིག་ཁར་གློག་ཐོག་ལུ་ཞུགས་པའི་རེ་བ་ཡོད།

OpenOffice.org དེ་གི་མི་སྡེ།